关怀版 无障碍浏览
您好!欢迎访问碌曲县人民政府网站!
  • 设为首页
  • |
  • 加入收藏
公告公示

【藏汉双语】碌曲县新型冠状病毒感染的肺炎疫情联防联控工作领导小组关于春节期间暂停举办大型活动和群众性聚集活动的通告

发布时间:2020-01-29 09:17:23 作者:碌曲县人民政府办公室 来源:碌曲县新型冠状病毒感染的肺炎疫情联防联控工作领导小组 阅读次数:

碌曲县新型冠状病毒感染的肺炎疫情联防联控工作领导小组关于春节期间暂停举办大型活动和群众性聚集活动的通告

为有效防范新型冠状病毒感染的肺炎疫情传播扩散蔓延,切实保障全县各族群众身体健康和生命安全,根据中共甘南州委、甘南州人民政府《关于做好新型冠状病毒感染的肺炎疫情联防联控工作的紧急通知》有关精神,经县新型冠状病毒感染的肺炎疫情联防联控工作领导小组研究,从即日起,全县各级基层组织、企事业单位、社会团体组织和各界人士,春节期间广泛宣传,认真落实州委、州政府“最大限度减少大型公共活动、尽量避免人员大规模聚集”的部署要求,按照“非必须、不举办”的原则,除寺院内部正常诵经以外,取消“放生、瞻佛、跳法舞、酥油花灯展、弥勒佛转寺”等人群聚集较多的大型佛事活动;取消春节期间举办的各类大型群众性民俗节庆活动;各类影院、酒吧、网吧、KTV等人员密集场所暂停营业;暂停举办一切文艺展演展览等群众性活动,取消婚嫁等人员聚集聚餐活动,尽可能把发生疫情的风险隐患降到最低程度。全县所有宗教场所及其他相关场所全部取消包括元宵节在内的群众自发性祈福等大型活动,全县所有公共文化体育活动场馆要暂时关闭。同时,提醒倡导广大城乡居民,科学预防疫情,不信谣、不传谣,增强自我防护意识,提高自我防护能力,戴口罩,勤洗手,主动配合有关部门开展疫情防控工作,与全社会一道共渡难关、战胜疫情。

碌曲县新型冠状病毒感染的肺炎

疫情联防联控工作领导小组

2020年1月26日

ཀླུ་ཆུ་རྫོང་གསར་བྱུང་གློ་ཚའི་རིམས་ནད་མཉམ་འགོག་མཉམ་བཅོས་ལས་དོན་འགོ་ཁྲིད་ཚན་ཆུང་གིས་

ལོ་སར་སྐབས་སུ་བྱེད་སྒོ་ཆེ་གྲས་དང་མང་ཚོགས་རང་བཞིན་གྱི་འདུ་འཛོམས་བྱེད་སྒོ་

གནས་སྐབས་སུ་མཚམས་འཇོག་རྒྱུའི་སྐོར་གྱི་བརྡ་ཁྱབ།

གསར་བྱུང་གློ་ཚའི་རིམས་ནད་ཕན་ཚུན་འགོས་པ་དང་ཁྱབ་ཆེར་མཆེད་པར་སྔོན་འགོག་ནུས་ལྡན་བྱེད་པ་དང་། རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་ཆེད། ཀྲུང་གུང་ཀན་ལྷོ་ཁུལ་ཨུ་དང་ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གི《གསར་བྱུང་གློ་ཚའི་རིམས་ནད་མཉམ་འགོག་མཉམ་བཅོས་ལས་དོན་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི》འབྲེལ་ཡོད་དགོངས་དོན་གཞིར་བཟུང་སྟེ། རང་རྫོང་གི་གསར་བྱུང་གློ་ཚའི་རིམས་ནད་མཉམ་འགོག་མཉམ་བཅོས་ལས་དོན་འགོ་ཁྲིད་ཚན་ཆུང་གིས་ཞིབ་འཇུག་བྱས་པ་བརྒྱུད། དེ་རིང་ནས་བཟུང་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་གཞི་རིམ་རྩ་འཛུགས་དང་ཁེ་ལས། ལས་དོན་སྡེ་ཁག སྤྱི་ཚོགས་ཚོགས་པའི་རྩ་འཛུགས། ལས་རིགས་ཁག་གི་མི་སྣ་བཅས་ཀྱིས་ལོ་སར་སྐབས་སུ་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི“སྤྱི་པའི་བྱེད་སྒོ་ཆེ་གྲས་ཁག་ཚད་གཞི་མཐོན་པོའི་སྒོ་ནས་ཇེ་ཉུང་དུ་གཏོང་བ་དང་མི་སྣ་གཞི་ཁྱོན་ཆེན་པོས་འདུ་འཛོམས་བྱེད་པར་གཡོལ་གང་ཐུབ་བྱེད་པའི”བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། “ངེས་པར་དུ་བསྒྲུབ་དགོས་པ་ཞིག་མིན་ཚེ་མི་སྒྲུབ་པའི”རྩ་དོན་གཞིར་བཟུང་ནས་དགོན་སྡེའི་ནང་ཁུལ་དུ་རྒྱུན་ལྡན་རང་བཞིན་གྱི་ཆོས་གསུང་བ་ཕུད། “ཚེ་ཐར་གཏོང་བ་དང་གོས་སྐུ་བཤམས་པ། འཆམ་འཆམ་པ། མེ་ཏོག་མཆོད་མཇལ། བྱམས་པ་གླིང་སྐོར”སོགས་མི་ཚོགས་མང་པོ་འདུ་འཛོམས་བྱེད་པའི་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཁག་མཚམས་འཇོག་དགོས་ལ། ལོ་སར་སྐབས་ཀྱི་མང་ཚོགས་རང་བཞིན་ལྡན་པའི་དམངས་སྲོལ་དུས་ཆེན་ལ་སོགས་པའི་བྱེད་སྒོ་ཡང་སྤེལ་མཚམས་འཇོག་དགོས། དེ་མིན་གློག་བརྙན་ཁང་དང་ཆང་ཁང་། དྲ་ཁང་། KTVསོགས་མི་སྣ་འདུ་འཛོམས་ཆེ་བའི་ལས་རིགས་སོ་སོའང་གནས་སྐབས་སུ་གཉེར་མཚམས་འཇོག་པ་དང་། རིག་རྩལ་འཁྲབ་སྟོན་སོགས་མང་ཚོགས་རང་བཞིན་གྱི་བྱེད་སྒོ་མཐའ་དག་སྤེལ་མཚམས་འཇོག་དགོས། དེ་བཞིན་དུ་གཉེན་སྟོན་སོགས་མི་སྣ་འདུ་འཛོམས་བྱས་ཏེ་གསོལ་ཟས་ལ་རོལ་བའི་བྱེད་སྒོ་ཡོད་ཚད་མེད་པར་བཟོས་ནས་རིམས་ནད་ཐོན་ཉེན་ཡོད་པའི་རྐྱེན་ངན་གྱི་ཚད་གཞི་ཆེས་དམའ་རུ་གཏོང་དགོས། དེར་མ་ཟད་རྫོང་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་སའམ་འབྲེལ་ཡོད་བྱེད་སྒོ་སྤེལ་ས་གཞན་དག་མ་ཟད་ཟླ་དང་པོའི་བཅོ་ལྔའི་དུས་ཆེན་ཚུད་པའི་མང་ཚོགས་རང་བཞིན་གྱི་གསོལ་འདེབས་བྱེད་སྒོ་སོགས་ཀྱང་མེད་པར་བྱེད་པ་དང་། རྫོང་ཡོངས་ཀྱི་སྤྱི་པའི་རིག་གནས་ལུས་རྩལ་གྱི་བྱེད་སྒོ་སྤེལ་ས་ཚང་མ་གནས་སྐབས་སུ་སྒོ་རྒྱག་དགོས། དུས་མཚུངས་སུ་རྒྱ་ཆེའི་མཁར་གྲོང་སྡོད་དམངས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་བྱེད་པ་དང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་མི་བཤད་པ་སོགས་རང་ངོས་འགོག་སྲུང་གི་འདུ་ཤེས་ཇེ་ཟབ་དང་རང་ངོས་འགོག་སྲུང་གི་ནུས་པ་ཆེར་སྐྱེད་ལ་སྐུལ་མ་གཏོང་བཞིན། ཚང་མར་ཁ་བཏུམ་གྱོན་པ་དང་ལག་པ་བཀྲུ་བ་བཅས་བྱེད་དུ་བཅུག་ནས་རང་འགུལ་ངང་འབྲེལ་ཡོད་སྡེ་ཁག་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་བར་གཞོགས་འདེགས་བྱེད་དུ་བཅུག་སྟེ། སྤྱི་ཚོགས་ཡོངས་དང་མཉམ་དུ་དཀའ་གནད་ལས་སྒྲོལ་ཅིང་རིམས་ནད་ལས་རྒྱལ་དགོས།

ཀླུ་ཆུ་རྫོང་གསར་བྱུང་གློ་ཚའི་རིམས་ནད་མཉམ་འགོག་མཉམ་བཅོས་ལས་དོན་འགོ་ཁྲིད་ཚན་ཆུང་གིས།

2020ལོའི་ཟླ1པའི་ཚེས26ཉིན།

上一篇:【藏汉双语】通告

下一篇:关于依法依规坚决打击网络谣言的通告