关怀版 无障碍浏览
您好!欢迎访问碌曲县人民政府网站!
  • 设为首页
  • |
  • 加入收藏
公告公示

【藏汉双语】通告

发布时间:2020-01-29 09:19:28 作者:碌曲县人民政府办公室 来源:魅力碌曲 阅读次数:

通 告

当前,新型冠状病毒感染的肺炎疫情呈现加快蔓延的严峻态势,为坚决打赢疫情防控阻击战,确保全州各族干部群众生命健康安全,现将有关事项通告如下:

一、取消州内所有大型民俗、宗教和节庆等聚集性活动。

二、暂时关闭州内各景区景点、酒店宾馆、大型餐厅等公共场所。各旅行社暂停经营活动,不再组团收客,已经组团的一律取消。

三、暂时关停影院、剧院、图书馆、博物馆、体育馆、文化馆、纪念馆、酒吧、茶屋、网吧、洗浴中心、KTV等各类非生活必需场所。

四、州内所有出租车、公交车、客运班车一律暂停运营。本地车辆中除救护车、消防车、油罐车、载货汽车、救援车辆、工程车辆、军警车辆、配有通行证的工作车辆外,不允许驶离我州地界,外地车辆驶入我州地界也执行同等规定。

五、城市内不驾驶私家车辆出行,农牧村各类机动车辆不出村,坚决杜绝与周边疫情发生区人员、车辆往来,降低交叉感染风险。

六、全州各级各类学校和幼儿园一律停止假期研学、培训、比赛等活动,校内外培训辅导机构立即停止一切线下培训补习活动。

七、禁止各类公众聚餐聚会活动,饭店、餐馆、农家乐等餐饮机构一律暂停营业;减少外出活动,不走亲访友,不上门拜年,任何人不得举办自办宴席等活动,减少家庭之间、村组之间、乡镇之间、县市之间人员往来。

八、所有进出超市、医院、农贸市场、加油站等公共场所的从业人员和消费者必须佩戴口罩,接受体温检测。

九、所有外地返回甘南人员必须加强自我防护,自觉居家观察14天。留观期间不允许外出参加任何活动,不允许在未采取防护措施的情况下与其他人员接触。一旦出现发热症状,第一时间到定点医院发热门诊登记诊疗。

十、在州境主要出入口、高速路口、车站、机场、国省干道入境口和农牧村出入口设置疫情防控检查站点,严密开展来甘南人员体温检测、筛查工作。

十一、所有医院、诊所、药店免费提供体温测量服务。依法严厉打击囤积居奇、哄抬物价及销售不符合质量标准的防控药品、医疗器械等行为。

十二、全州活禽交易商铺一律暂时关闭,禁止野生动物对外扩散和转运贩卖,严厉查处非法交易野生动物行为。

十三、任何单位和个人不得擅自发布疫情信息,对恶意炒作、造谣传谣、夸大事实、发布不实言论、造成重大影响的依法依规严肃查处。

十四、广大干部群众要大力宣传、及时转告广大游客及亲朋好友,暂停来甘南观光旅游、探亲访友、祈福请愿,主动配合做好疫情防控工作。

本通告自2020年1月27日12:00时起施行。

甘南州新型冠状病毒感染的肺炎

疫情联防联控工作领导小组

2020年1月27日

བརྡ་ ཁྱབ།

མིག་སྔར་གསར་བྱུང་གློ་ཚའི་རིམས་ནད་མགྱོགས་མྱུར་ངང་མཆེད་པའི་ཛ་དྲག་གི་རྣམ་པ་བྱུང་བར་བརྟེན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་བདེ་འཇགས་ལ་འགན་ལེན་བྱ་ཆེད་འབྲེལ་ཡོད་དོན་ཚན་ཁག་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག ཁུལ་ནང་ཁུལ་གྱི་དམངས་སྲོལ་དང་ཆོས་ལུགས། དུས་སྟོན་སོགས་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་ཡོད་ཚད་མཚམས་འཇོག་པ།

གཉིས། ཁུལ་ནང་ཁུལ་གྱི་མཛེས་ལྗོངས་ཁུལ་སོ་སོ་དང་ཆང་ཁང་མགྲོན་ཁང་། ཟ་ཁང་ཆེ་གྲས་སོགས་སྤྱི་པའི་འདུ་ར་གནས་སྐབས་སུ་སྒོ་རྒྱག་དགོས་ལ། ཡུལ་སྐོར་ལས་དོན་ཁང་སོ་སོས་ལས་གཉེར་བྱེད་མཚམས་བཞག་ནས་ཚོགས་པ་སྒྲིག་པའི་མགྲོན་པོ་བསྡུ་སྐོང་མི་བྱེད་པ་དང་། ཚོགས་པ་བསྒྲིག་ཟིན་པ་དག་ཀྱང་མེད་པར་བཟོ་དགོས།

གསུམ། གློག་བརྙན་ཁང་དང་ཟློས་གར་ཁང་། དཔེ་མཛོད་ཁང་དང་དངོས་མང་བཤམས་སྟོན་ཁང་། ལུས་རྩལ་ཁང་དང་རིག་གནས་ཁང་། དྲན་གསོ་ཁང་། ཆང་ཁང་། ཇ་ཁང་། དྲ་ཁང་། ཁྲུས་ཁང་། KTVསོགས་འཚོ་བའི་དགོས་མཁོ་མ་ཡིན་པའི་རིགས་ཐམས་ཅད་པོ་གནས་སྐབས་སུ་སྒོ་རྒྱག་དགོས།

བཞི། ཁུལ་ནང་ཁུལ་གྱི་གླ་བྱེད་རླངས་འཁོར་དང་སྤྱི་སྤྱོད་རླངས་འཁོར། འགྲུལ་སྐྱེལ་རླངས་འཁོར་བཅས་ཚང་མས་གནས་སྐབས་སུ་ལས་གཉེར་བྱེད་མཚམས་འཇོག་དགོས་ལ། ས་གནས་དེ་གའི་རླངས་འཁོར་ཁྲོད་ནས་མྱུར་སྐྱོབ་རླངས་འཁོར་དང་མེ་གསོད་རླངས་འཁོར། སྣུམ་ཟོམ་རླངས་འཁོར། ཟོང་སྐྱེལ་རླངས་འཁོར། རོགས་སྐྱོབ་རླངས་འཁོར། ལས་གྲྭའི་རླངས་འཁོར། དམག་མི་དང་ཉེན་རྟོག་པའི་རླངས་འཁོར། དཔང་རྟགས་ཡོད་པའི་བྱ་བྱེད་རླངས་འཁོར་ཕུད་རླངས་འཁོར་གཞན་པ་རྣམས་རང་ཁུལ་གྱི་ས་མཚམས་ནས་ཁ་འབྲལ་མི་ཆོག་པ་དང་། ས་ཆ་གཞན་པའི་རླངས་འཁོར་ཡང་རང་ཁུལ་དུ་ཡོང་མི་ཆོག་པར་གཅིག་མཚུངས་ཀྱི་གཏན་འབེབས་ལག་བསྟར་བྱ་དགོས།

ལྔ། གྲོང་ཁྱེར་ནང་ཁུལ་དུ་མི་སྒེར་གྱི་རླངས་འཁོར་བསྐོར་མི་ཆོག་པ་དང་། རོང་འབྲོག་སྡེའི་འགྲུལ་བཞུད་འཕྲུལ་འཁོར་རིགས་སྣ་ཚོགས་སྡེ་བའི་ཕྱི་རུ་འབུད་མི་ཆོག་པར་མ་ཟད། མཐའ་འཁོར་གྱི་རིམས་ནད་བྱུང་བའི་ས་ཁུལ་གྱི་མི་སྣ་དང་རླངས་འཁོར་བར་འགྲོ་འོང་བྱེད་པ་མཐའ་གཅིག་ཏུ་གཏན་འགོག་བྱས་ནས་ཕན་ཚུན་རིམས་ནད་འགོ་བའི་ཉེན་ཁ་ཆུང་དུ་གཏོང་དགོས།

དྲུག ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སློབ་གྲྭ་དང་བྱིས་གཉོར་ཁང་ཚང་མས་དགུན་གནང་སྐབས་སུ་སྒྲུབ་བཞིན་པའི་སློབ་སྦྱོང་དང་གསོ་སྦྱོང་། འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་མཚམས་འཇོག་དགོས་ལ། སློབ་གྲྭའི་ཕྱི་ནང་གི་གསོ་སྦྱོང་ཟུར་ཁྲིད་སྒྲིག་གཞི་ཚང་མས་དྲ་ཐོག་གསོ་སྦྱོང་མ་ཡིན་པའི་གསབ་སྦྱོང་གི་བྱེད་སྒོ་མཐའ་དག་འཕྲལ་མར་སྤེལ་མཚམས་འཇོག་དགོས།

བདུན། ཟ་ཁང་དང་གསོལ་ཟས་གླིང་། ཞིང་ཁྱིམ་སྤྲོ་ར་སོགས་བཟའ་བཏུང་སྒྲིག་གཞི་ཚང་མས་གནས་སྐབས་སུ་ལས་གཉེར་བྱེད་མཚམས་འཇོག་དགོས་ལ། ཕྱི་ཕྱོགས་སུ་བསྐྱོད་པའི་བྱེད་སྒོ་ཉུང་དུ་བཏང་ནས་གཉེན་ཉེ་དང་གྲོགས་པོར་འཚམ་འདྲིར་འགྲོ་མི་ཆོག་ལ་ལོ་སར་གྱི་འཚམ་འདྲིར་ཡང་འགྲོ་མི་ཆོག དེ་བཞིན་དུ་མི་སུ་ཞིག་ཡིན་རུང་གསོལ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པར་མ་ཟད། ཁྱིམ་ཚང་བར་དང་སྡེ་ཚོའི་བར། ཤང་གྲོང་བར། རྫོང་དང་གྲོང་ཁྱེར་བར་བཅས་ཀྱི་མི་སྣའི་འགྲོ་འོང་ཇེ་ཉུང་དུ་གཏོང་དགོས།

བརྒྱད། རང་འདེམས་ཚོང་ར་དང་སྨན་ཁང་། ཞིང་ཟོང་ཉོ་ཚོང་ཁྲོམ་ར། སྣུམ་སྣོན་ས་ཚིགས་སོགས་མི་མང་འདུ་འཛོམས་བྱ་ཡུལ་གྱི་ལས་ཞུགས་མི་སྣ་དང་འཛད་སྤྱོད་པས་ངེས་པར་དུ་ཁ་བཏུམ་གྱོན་ནས་གཟུགས་པོའི་དྲོད་ཚད་ཞིབ་དཔྱད་བྱེད་པར་དང་ལེན་བྱ་དགོས།

དགུ། ས་ཆ་གཞན་པ་ནས་ཕྱིར་ལོག་པའི་ཀན་ལྷོའི་མི་སྣ་ཚང་མས་ངེས་པར་དུ་རང་ཉིད་འགོག་སྲུང་བྱེད་པར་ཤུགས་བསྣན་ནས་རང་འགུལ་ངང་ཁྱིམ་དུ་བསྡད་དེ་ཉིན14ཡི་རིང་ལ་ལྟ་ཞིབ་བྱ་དགོས་ཞིང་། ལྟ་ཞིབ་བྱེད་པའི་རིང་ལ་ཕྱི་ཕྱོགས་ཀྱི་བྱེད་སྒོ་གང་དུའང་ཞུགས་མི་ཆོག་པ་དང་། འགོག་སྲུང་བྱ་ཐབས་སྤྱད་མེད་པའི་གནས་ཚུལ་འོག་མི་སྣ་གཞན་དག་དང་འབྲེལ་འདྲིས་བྱེད་མི་ཆོག གལ་ཏེ་ཚ་བ་རྒྱས་པའི་ནད་རྟགས་བྱུང་ཚེ་འཕྲལ་མར་གཏན་འཁེལ་བྱས་པའི་སྨན་ཁང་གི་ཚ་འཕར་སྒོ་བསྟེན་ཁང་དུ་སོང་ནས་ཐོ་འགོད་དང་སྨན་བཅོས་བྱ་དགོས།

བཅུ། ཁུལ་ནང་ལོགས་ཀྱི་འཇུག་སྒོ་གཙོ་བོ་དང་མྱུར་བགྲོད་ལམ་གྱི་ལམ་མདོ། རླངས་འཁོར་འབབ་ཚུགས། གནམ་གྲུ་འབབ་ཐང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་འཛུལ་སྒོ་དང་རོང་འབྲོག་སྡེའི་འཛུལ་སྒོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཞིབ་བཤེར་ས་ཚིགས་བཙུགས་ནས་ཀན་ལྷོའི་མི་སྣའི་ལུས་ཕུང་གི་དྲོད་ཚད་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་ལས་དོན་སྤེལ་དགོས།

བཅུ་གཅིག སྨན་ཁང་དང་སྒོ་བསྟེན་སྨན་བཅོས་ཁང་། སྨན་འཚོང་ཁང་བཅས་ཚང་མས་རིན་མེད་ངང་ལུས་ཕུང་གི་དྲོད་ཚད་འཇལ་བའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། འབེལ་ཉོ་དཀོན་འཚོང་ངམ་ཟོག་གོང་ཧམ་འཕར་སོགས་སྤུས་ཀའི་ཚད་གཞི་དང་མི་མཐུན་པའི་སྨན་རྫས་དང་སྨན་བཅོས་ཡོ་བྱད་འཚོང་བ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས།

བཅུ་གཉིས། ཁུལ་ཡོངས་ཀྱི་ཁྱིམ་བྱ་གསོན་པོའི་རིགས་ཉོ་ཚོང་བྱེད་བཞིན་པའི་ཚོང་ཁང་ཚང་མས་གནས་སྐབས་སུ་སྒོ་བརྒྱབ་སྟེ། རི་སྐྱེས་སྲོག་ཆགས་ཕྱི་ཕྱོགས་སུ་ཁྱབ་འགྱེད་དང་བརྒྱུད་འདྲེན་ལྐོག་འཚོང་བྱེད་མི་ཆོག་ལ་ཁྲིམས་དང་འགལ་བའི་སྒོ་ནས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་དགོས།

བཅུ་གསུམ། ལས་ཁུངས་དང་མི་སྒེར་གང་ཞིག་ཡིན་རུང་རིམས་ནད་གནས་ཚུལ་གྱི་ཆ་འཕྲིན་རང་དགར་ཁྱབ་བསྒྲགས་བྱེད་མི་ཆོག་ལ། ངན་སེམས་བཅངས་ནས་འུད་སྒྲོག་བྱེད་པ་དང་དཀྲོག་གཏམ་སྤེལ་བ། དོན་དངོས་ལ་སྒྲོ་འདོགས་བྱེད་པ། ཁུངས་མེད་འཆལ་གཏམ་ཁྱབ་བསྒྲགས་བྱེད་པ་སོགས་ཤུགས་རྐྱེན་ཚབས་ཆེན་བཟོ་མཁན་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་དགོས།

བརྡ་ཁྱབ་འདི་ནི2020ལོའི་ཟླ1པའི་ཚེས27ཉིན་གྱི་ཆུ་ཚོད12:00ནས་བཟུང་སྟེ་ལག་བསྟར་བྱ་རྒྱུ་ཡིན།

ཀན་ལྷོ་ཁུལ་གསར་བྱུང་གློ་ཚའི་རིམས་ནད་མཉམ་འགོག་མཉམ་བཅོས་ལས་དོན་འགོ་ཁྲིད་ཚོན་ཆུང་གིས།

2020ལོའི་ཟླ1པའི་ཚེས27ཉིན།

上一篇:碌曲县市场监督管理局疫情防控期间经营者价格行为提醒告诫书及饮食安全温馨提示

下一篇:【藏汉双语】碌曲县新型冠状病毒感染的肺炎疫情联防联控工作领导小组关于春节期间暂停举办大型活动和群众性聚集活动的通告